འཛམ་གླིང་འཁྲུག་ཆེན་གཉིས་པ།
འཛམ་གླིང་ཉེ་རབས་ལོ་རྒྱུས་ཁྲོད་མིང་དུ་གྲགས་པའི་འཁྲུག་ཆེན་གཉིས་པ་ནི་དུས་རབས་ཉི་ཤུ་བའི་དུས་སྟོད་ཀྱི་སྤྱི་ལོ་༡༩༣༩ལོའི་ཟླ་༩ཚེས་༡ནས་༡༩༤༥ལོའི་ཟླ་༩་ཚེས་༢ཉིན་བར་བྱུང་ཞིང༌། འདི་ནི་འཛམ་གླིང་ལོ་རྒྱུས་ཁྲོད་ཤི་རྨས་ཆེས་ཚབས་ཆེ་ཤོས་དང་གྱོང་གུན་ཆེ་ཤོས་ཤིག་སྟེ། ཐེངས་འདིར་རྒྱལ་ཁབ་དང་ས་ཁུལ་༦༡ལྷག་དང་མི་གྲངས་དུང་ཕྱུར་༢༠ཡན་ཞིག་དམག་འཁྲུག་ལ་ཞུགས་པ་དེ་ནི་འཛམ་གླིང་ཡོངས་ཀྱི་མི་གྲངས་ཀྱི་ལྔ་ཆའི་བཞི་རེད། འཐབ་འཁྲུག་གི་ཁྱབ་ཚད་དེ་ས་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་༢༢༠༠ལྷག་ལ་ཁྱབ།
ཁེ་ཕན་ནི་ནམ་ཡང་འཐབ་འཁྲུག་གི་རྒྱ་རྐྱེན་ཡིན་ལ། སྟོབས་ཤུགས་ནི་འཐབ་འཁྲུག་གི་མ་རྩ་རེད། རྒྱལ་ཁབ་ཚང་མའི་སྟོབས་ཤུགས་འདྲ་མཉམ་ཡིན་སྐབས་ཕན་ཚུན་བར་མཛའ་གྲོགས་མཉམ་ལས་དང་ཁེ་ཕན་འདྲ་མཉམ་འབྱུང་ལ། གལ་ཏེ་སྟོབས་ཤུགས་ལ་ཁྱད་པར་ཤོར་ན་སྟོབས་ཆེ་བའི་རྒྱལ་ཁབ་ཀྱིས་སྟོབས་ཆུང་བའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་པ་ནི་ཆོས་ཉིད་ལྟ་བུར་གྱུར་ཡོད། དེ་བཞིན་དུ་འཛམ་གླིང་འཁྲུག་ཆེན་དང་བོའི་སྐབས་འཇར་མན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་ཆེན་པོ་ཐེབས་པ་དེ་ནི་འཇར་མན་རྒྱལ་ཁབ་ཀྱི་སྙིང་ནད་ཆེན་པོ་ཞིག་ཏུ་གྱུར་ཅིང༌། རྗེས་སུ་ཞི་ཐི་ལི་འཇར་མན་གྱི་ཙུང་ལིར་བསྡད་རྗེས་སྙིང་ནད་དེ་མ་དྭངས་པར་ལྐོག་ཏུ་རྒྱལ་ཁབ་ཀྱི་སྟོབས་ཤུགས་གསོག་འཇོག་བྱས་ཤིང༌། དུས་མཚུངས་སུ་འཇར་པན་རྒྱལ་ཁབ་ཀྱང་《ཧྭ་ཧྲིན་ཏུང་ཆིངས་ཡིག་》གིས་ཡིད་མ་ཚིམ་པར་ཀྲུང་གོར་བཙན་འཛུལ་གྱི་འགོ་བརྩམས། དེ་ལྟར་རིམ་གྱིས་དབྱིན་ཇི་དང་ཨ་རི། ཧྥ་རིན་སི་སོགས་དང་འཇར་མན་དང་འཇར་པན། དབྱི་ཐ་ལི་བཅས་ནི་ཆབ་སྲིད་དང་དམག་དོན་ཐད་ཚོགས་པ་ཆེན་པོ་གཉིས་སུ་གྱེས། མདོར་ན་༡༩༣༧ལོར་འཇར་མན་དང་འཇར་པན། དབྱི་ཐ་ལི་བཅས་བཙན་འཛུལ་རྒྱལ་ཁབ་གསུམ་གྱིས་ཆབ་སྲིད་དམག་དོན་ཐད་མནའ་འབྲེལ་བཙུགས་ཤིང་སྔ་ཕྱིར་དབྱིན་ཇི་དང་ཨ་རི། ཧྥ་རན་སི་བཅས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ལ་བཙན་འཛུལ་རྒྱ་བསྐྱེད་དང་ཞི་འཇགས་ཀྱི་བྱེད་ཐབས་ལག་བསྟར་གྱིས་རྒྱལ་ཁབ་གཞན་གྱི་གྱོང་གུན་སྟེང་ནས་རང་ཉིད་ཀྱི་ཁེ་ཕན་འཚོལ་ཐབས་བྱས། དེ་ལྟར་ཧམ་སེམས་ཀྱིས་ཐ་ན་གཡུལ་གྱི་སྣེ་མོ་སུའུ་ལེན་བར་དུ་དྲངས་ཤིང་མཐར་སྤྱི་ལོ་༡༩༣༩ལོར་འཇར་མན་གྱི་དམག་གིས་འཕྲལ་རྒོལ་དམག་འཐབ་ཀྱི་རྣམ་པ་སྤྱད་དེ་པོ་ལན་ལ་བཙན་འཛུལ་བྱས་ཤིང༌། དེ་མུར་དབྱི་ཐ་ལིས་གཡུལ་ལ་ཞུགས་འདོད་མེད་པའི་རྣམ་འར་ཁྱབ་བསྒྲགས་བྱས། དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་བྱེད་ཐབས་བྲལ་བའི་གནས་ཚུལ་འོག་ཚབ་ཚུབ་ངང་འཇར་མན་ལ་གཡུལ་བཤམ་རྒྱུ་ཁྱབ་བསྒྲགས་བྱས་པས་འཛམ་གླིང་འཁྲུག་ཆེན་གཉིས་པ་ཞེས་པའི་མིང་གྲགས་ཆེ་བའི་དམག་འཁྲུག་དེ་ཉིད་ཁྱོན་ཡོངས་ནས་ལངས་པ་རེད།
མཐར་བཙན་འཛུལ་ངོ་རྒོལ་རིང་ལུགས་པ་ཨ་རི་དང་ཧྥ་རན་སི། དབྱིན་ཇི། སུའུ་ལེན། ཀྲུང་གོ་བཅས་བཙན་འཛུལ་རིང་ལུགས་པའི་མནའ་འབྲེལ་རྒྱལ་ཁབ་འཇར་མན་དང་འཇར་པན། དབྱི་ཐ་ལི་བཅས་ལས་རྣམ་པར་རྒྱལ་བས་འཛམ་གླིང་བདེ་ལ་བབས་ཤིང༌། ཞི་བདེའི་ལམ་དུ་བསྐྱོད་པའི་འགོ་ཚུགས་རེད།
འཇིགས་སུ་རུང་བའི་དམག་འཁྲུག་ཆེན་པོ་འདིས་མི་ལོ་བཅུ་བཞི་ལྷག་གི་རིང་ལ་མཚམས་མི་ཆད་པར་མིའི་རིགས་ཀྱི་ཚེ་སྲོག་དང་དཔལ་འབྱོར་ལ་གནོད་པ་བཟོས་པ་ནི་སྤྱི་སྡོམ་བྱས་པ་ལྟར་ན་ཁྱོན་དམག་མི་དང་སྤྱི་དམངས་ཁྲི་༩༠༠༠ལྷག་ཚེ་ལས་འདས་ཤིང༌། དཔལ་འབྱོར་ཐད་ཨ་སྒོར་དུང་ཕྱིར་ཁྲི་༤ལྷག་གི་གྱོང་གུན་ཐེབས་པར་བཤད་དོ། །
[གླིང་སྲས་བོད་ཡིག་དྲྭ་ཚུགས།][ཟླ་ཚེས། 2012-03-22][ཀློག་གྲངས། ]
གོང་ངོས། ཐའེ་ཝན་དུ་ནང་ཆོས་དར་སྤེལ་སྐོར་གྱི་བགྲོ་གླེང་ཞིག་འཚོགས་པ།
འོག་ངོས། སྒོར་མོ་དང་མི།
བཀླགས་མཆན།
བཀླགས་མཆན་འགོད་ས།
དྲྭ་རྩོམ་གསར་བཀོད།
- (གྲིབ་གཟུགས།)མཛེས་མ།
- (ཕུར་བ་བཀྲ་ཤིས།)ཀླུ་མོའི་མཚོའི་གླུ་སྐད།
- (ཨ་མཆོག་ཟུར་མིག)ཀླུ་མོ་མཚོའི་གླུ་སྐད།
- (སྨན་མཁའ་འབུམ།)ཁ་མཚར་ཁག་གསུམ།
- (གླིང་སྲས་དྲྭ་ཚུགས།)ཡུལ་ཤུལ་གྱི་ས་འགུལ་དང་འབྲེལ་བའི་གློ...
- (ཤར་གངས་ཕྲུག)ཅོལ་ཆུང་ཁ་ཅིག་ལ།
- (ཆོས་འཛིན་ནོར་བུ།)གལ་སྲིད་ང་ཤི་སོང་ན།
- (གྲིབ་གཟུགས།)རྒྱ་བླ་ཞིག་ལ་ཕུལ་བའི་འཕྲིན།
- (གྲིབ་གཟུགས།)འཇིགས་སྐྲག་ཆེ་བའི་དུས་ཚིགས།
- (སྙུག་བཅུད་ལེན།)གཡུལ་ས་ནས་བླངས་བའི་གླུ་སྐད།
བཀླགས་གྲངས་མང་ཤོས།
- མང་གཙོའི་བྱུང་རིམ།
- ལམ་ལུགས་འདི་རུལ་ཚར་འདུག སྟོད་ཆ།
- སྒྱུ་རྩལ་གྱི་བླ་སྲོག་བདོག་པའི་ཨ་ཅེ་ལྷ་མོ།
- གློག་ཀླད་ནང་གི་ཡི་གེའི་གད་སྙིགས།
- བརྩེ་དུང་གི་བཟི་ཁ་མ་བཟོད་པར་རང་སྲོག་བཅད་པ།
- ཁ་བའི་ཞབས་རྗེས་ནང་གི་ནག་ཐིག
- མི་ཉག་བཞག་བྲ་ལྷ་རྩེ།
- ཐང་སྟོང་རྒྱལ་པོ་དང་མི་ཉག་ལྕགས་ཟམ།
- བོད་ཀྱི་རིག་མཛོད་ཆེན་མོ་སྡེ་དགེའི་པར་ཁང་། སྟོད་ཆ།
- བོད་ཀྱི་རིག་མཛོད་ཆེན་མོ་སྡེ་དགེའི་པར་ཁང་། སྨད་ཆ།
བཀླགས་མཆན་མང་ཤོས།
- བོད་ཀྱི་བུ་མོ་ཞིག་གི་མིག་མདངས། པར།
- 《གསར་བརྗེ་བའི》རྩོམ་སྒྲིག་པར་འདི་སྐད་སྨྲ་དགོས་ཐུག
- མི་ཆེན་འགས་རིག་གནས་དམར་གསོད་བྱས་སོང་།
- སྒོ་ཤེས་རབ་གླེང་བ།
- གྲོང་ཁྱེར་གྱི་ངོ་གདོང་།
- པོ་ཏ་ལ་དང་བདག་གི་མིག་ཆུ།
- བདག་གིས་སྒེར་དེབ་གཉིས་པ་དཔར་དུ་བསྐྲུན་ཡོད།
- སེང་རྡོར་གླེང་ཤེས་མི་འདུག
- གླུ་བ་རིག་དགའ་དང་ཁ་བརྡ་བྱས་པ།
- ཞོགས་དུང་གླེང་དགོས་པའི་རྒྱུ་མཚན་དང་བོད་ཀྱི་ཁ་ངོ་བཀྲུས་པ།